9430

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:22, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྐེ་བ
Tibetan Definition ལུས་ཀྱི་པགས་པ་ཤིང་གི་ལོ་མ་ལྟར་སྐམ་པའི་དོན་ནོ། །འདུལ་བ་གཞི་རྒྱ་ཆེར་འགྲེལ་པ་༼ ཙུ ༽༢༨༧ན༡ལས། རྐེ་བ་ཞེས་བྱ་བ་ནི་པགས་པ་སྐམ་པའོ། །ཞེས་གསུངས་པ་ལྟར་རོ། །འདུལ་བ་ལུང་གཞི་༼ ཀ ༽ལས། དགེ་སློང་དག་ཅིའི་ཕྱིར་དགེ་སློང་ཀུན་དགའ་བོ་སྐྱ་བོ་བསེང་བསེང་པོ་རིད་པ་དང༌། ཉམ་ཆུང་བ་དང༌། རྐེ་བ་དང༌། སྐམ་པ་དང༌། ལུས་མ་ཐོབ་པར་གྱུར། དེ་དག་གིས་གསོལ་པ། བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོའི་སྲིང་མོའི་བུ་གཉིས་ཤིག་ཕ་མས་བོར་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཡར་བལྟམ་གྱི་བསོད་སྙོམས་བླངས་ནས་སླར་འབྱུང་ཞིང་དེ་ཕྱེད་ནི་བདག་ཉིད་འཚལ་བར་བགྱིད། ཕྱེད་ནི་དེ་གཉིས་ལ་སྩོལ་བས་དེས་ན་ཚེ་དང་ལྡན་པ་ཀུན་དགའ་བོ་འདི་སྐྱ་བོ་བསེང་བསེང་པོ་རིད་པ་དང༌། ཉམ་ཆུང་བ་དང༌། རྐེ་བ་དང༌། སྐམ་པ་དང༌། ལུས་མ་ཐོབ་པར་གྱུར་ཏོ། །ཞེས་གསུངས།