9480

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 15:24, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྒྱ་ནག་དང་རྒྱ་ནག་ཆེན་པོ
Tibetan Definition དེ་གཉིས་ཀྱི་ཁྱད་པར་ནི་ཀྭང་ཊེའུ་ལ་སོགས་པའི་རྒྱ་དཀར་ནག་གི་མཚམས་ཀྱི་ས་ལ་རྒྱ་ནག་ཆུང་ངུ་དང་། དེ་ཚུན་གྱི་རྒྱ་ནག་གི་ཡུལ་ལྗོངས་རྣམས་ལ་རྒྱ་ནག་ཆེན་པོར་སྔོན་གྱི་ཡིག་རྙིང་རྣམས་སུ་གྲགས་པ་དང་། འཇམ་དཔལ་རྩ་རྒྱུད་ལས་ཀྱང་། རྒྱ་དང་རྒྱ་ནག་ཆེ་ཉིད་ན། །འཇམ་པའི་དབྱངས་ནི་རབ་འགྲུབ་གྱུར། །ཞེས་གསུངས་སོ། །ལྕང་སྐྱ་རོལ་པའི་རྡོ་རྗེ་གསུང་ལ་གཞི་བྱས། རྒྱ་ནག་དང་རྒྱ་ནག་ཆེན་པོའི་ཐ་སྙད་འདི་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང་བཤད་དེ། ས་ཆེན་དུམ་བུ་དྲུག་ཡོད་པས། །དང་པོ་རྒྱ་གར་འཕགས་ཡུལ། གཉིས་པ་བོད་ཡུལ། གསུམ་པ་ལི་ཡུལ། བཞི་པ་རྒྱ་ནག ལྔ་པ་རྒྱ་ནག་ཆེན་པོ། དྲུག་པ་གངས་ལྡན། ཞེས་གསུངས་སོ། །ཞེས་ཀློང་རྡོལ་བླ་མའི་གསུང་འབུམ་གླེགས་བམ་དང་པོ་༢༡༦ན་གསལ།