9711

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:03, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྔོག་ལོ་བསྟན་པའི་ཉི་མ་ཁུ་དབོན
Tibetan Definition ཁུ་བོ་ནི་ཨ་ཁུ་སྟེ། ལོ་ཙཱ་བ་རྔོག་ལེགས་པའི་ཤེས་རབ་དང་། དབོན་ནི་ཚ་བོ་སྟེ། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་གཉིས་ལ་ཟེར། ལོ་ཙཱ་བ་བློ་ལྡན་ཤེས་རབ་ནི། ལོ་ཙཱ་བ་ལེགས་པའི་ཤེས་རབ་ལ་གཅུང་པོ་ཆེ་ཆུང་བཞི་ཡོད་པའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་ཡིན།