9740

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:05, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྗེད་པར་བྱ་བ
Tibetan Definition བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས་ཤིག ལི་ཤིའི་གུར་ཁང་ལས། རྗེད་པ་དང་རིམ་གྲོ་དང་བཙུན་པར་བྱ་བ་ནི་བཀུར་སྟི་དང་མཆོད་པའི་མིང་གི་རྣམ་གྲངས། ཞེས་གསུངས། སྤྱིར་རྗེད་པར་བྱེད་པ། མཆོད་པར་བྱ་བ། རི་མོར་བྱ་བ། བསྙེན་བཀུར་བྱ་བ། བཀུར་སྟི་བྱ་བ། བླ་མར་བྱ་བ་རྣམས་དོན་འདྲ། ནང་གསེས་ཀྱི་ཁྱད་པར་ནི། བརྒྱད་སྟོང་འགྲེལ་ཆེན་ལས། རྗེད་པར་བྱ་བ་ནི། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཕུ་དུད་བྱེད་པའོ། །མཆོད་པར་བྱ་བ་ནི། མཆོད་པ་ཆུང་དུ། རི་མོར་བྱ་བ་ནི། མཆོད་པ་འབྲིང༌། བསྙེན་བཀུར་བྱ་བ་ནི། མཆོད་པ་ཆེན་པོ་དང༌། བཀུར་སྟི་བྱ་བ་ནི། དར་དཔྱངས་ལ་སོགས་པ་བཅིངས་ནས་ཁྱད་པར་དུ་འཕགས་པའི་གནས་ལ་འཇོག་པ་དང༌། བླ་མར་བྱ་བ་ནི། རྣམ་པ་ཐམས་ཅད་དུ་འདའ་བར་བྱ་བ་མ་ཡིན་པ་ཉིད་དོ་ཞེས་བཤད་པའི་ལྟར་རོ། །