9774

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:08, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྗེས་སུ་ཡི་རང་བ
Tibetan Definition རྗེས་སུ་ཡི་རང་དང་། རྗེས་སུ་ཡི་རང་བའི་ཁྱད་པར་ནི། རྗེས་སུ་ཡི་རང་ནི་མིང་དང་། རྗེས་སུ་ཡི་རང་བ་ནི་བྱ་ཚིག་ཡིན་པའི་ཁྱད་པར་རོ། །སྒྲ་བཤད་ནི། རྗེས་སུ་ཡི་རང་བ་ཞེས་བྱ་བ་ནི་དེ་བཞིན་ནོ་ཞེས་ཁས་བླངས་པའོ། །ཞེས་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༥༨བ༤ལས་བཤད་པ་ལྟར་རོ། །