9805

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:10, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྟ་མགྲིན་ལྕགས་རལ་ཅན
Tibetan Definition དེའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་ཁྱད་པར་ནི། སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་པས་རལ་གྲི་མེ་འབར་ནམ་མཁར་འཕྱར། །གཡོན་པས་སྡིགས་མཛུབ་བསྒྲེང་བའི་རྩེར་མེ་འབར། །མཆེ་བ་གཡས་སུ་གཙིགས་ཤིང་གཡོན་དུ་རྔམས། །སྤྱན་གསུམ་དུས་མཐའི་མེ་ལྟར་རབ་ཏུ་འབར། །སྨིན་མ་སྨ་ར་དམར་སེར་གྱེན་དུ་འཁྱིལ། །དབུ་སྐྲ་ཁམ་སེར་གྱེན་བརྫེས་དབུ་གཙུག་ན། །རྟ་མགོ་ལྗང་ནག་ཞུར་དཀར་ཕྲུམ་ཕྲུམ་སེར། །རྔོག་མ་དམར་པོའི་གསེབ་ནས་མེ་སྟག་འཕྲོ། །ཐོད་པ་སྐམ་རློན་རིན་ཆེན་སྦྲུལ་གྱིས་བརྒྱན། །གླང་ཆེན་ཀོ་བ་མི་ལྤགས་སྟོད་གཡོགས་དང༌། །སྟག་ཤམ་གསོལ་ཞིང་གཡས་བསྐུམ་གཡོན་བརྐྱང་གིས། །ཡེ་ཤེས་མེ་དཔུང་འབར་བའི་ཀློང་དཀྱིལ་ན། །བཞུགས་པའི་རྟ་མགྲིན་ལྕགས་རལ་ཅན་ལ་འདུད། །སྔགས། ༀ་ཧྲཱིཿཔདྨནྟ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་སརྦ་ཤིང༌། །ཀ་ལ་མེ་དཔུང་གཏུབ། །ཧ་ཧ་རྦད་རྦད་གཏུབ། །ཤ་ཧ་ན་རྦད་རྦད་གཏུབ། །གྲི་ཧ་ན་ར་ཛ་ཡ་རྦད། །མཱ་ར་ཡ་རྦད།