9917

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:18, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོ་ཞུན
Tibetan Definition རྡོ་དཀར་པོ་མེར་བསྲེགས་པའི་རྡོ་ཐལ་ལམ་ས་དཀར་གྱི་མིང་། དེ་ལ་ཆུ་གྲང་མོ་བླུགས་ཏེ་དཀྲུགས་ན་དྲོད་ལངས་ནས་ཁོལ་བར་བྱེད་དོ། །ཞེས་དབྱངས་ཅན་དགའ་བློ་གསུང་ངོ་། །རྒྱ་གར་དུ་དཀར་རྩིས་གཏོང་བྱེད་ཉ་ཕྱིས་ཞིབ་མོར་རྫོག་པའི་ས་དཀར་ཡང་ཆུ་བླུགས་ན་ཁོལ་བར་བྱེད་དོ། །རྗེ་གུང་ཐང་པའི་ཆུའི་བསྟན་བཅོས་ལས། མ་རབས་གཅེས་པར་བསྐྱངས་ན་ཡང་། །དྲིན་དུ་མི་ཚོར་འཁྲུག་པར་བྱེད། །བསིལ་བའི་ཆུ་ཡིས་བྲན་ན་ཡང་། །རྡོ་ཞུན་ལྷག་པར་ཁོལ་ཞིང་ཚ། །ཞེས་གསུངས་པ་ལྟར་རོ། །