10007

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྡོར་དྲིལ་བྱིན་གྱིས་བརླབ་ཚུལ
Tibetan Definition དེ་ལ་བསངས་སྦྱངས་བསྐྱེད་ནས་བྱིན་གྱིས་བརླབ་ཚུལ་དང༌། མཚོན་བྱེད་དྲན་པའི་སྒོ་ནས་བྱིན་གྱིས་བརླབ་པ་གཉིས་ལས། དང་པོ་ནི་དུས་འཁོར་གྱི་ལུགས་ཡིན་ཞིང༌། གསང་འདུས་ཀྱི་སྐབས་འདིར་ནི་ཕྱི་མ་ལྟར་ཡིན་པར། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་འདུས་པའི་བསྐྱེད་རིམ་གྱི་རྣམ་བཤད་ལས་གསུངས་སོ། །