10028

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:27, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྣམ་གཞག་རིམ་པ
Tibetan Definition བསྐྱེད་རིམ་རྣམ་གཞག་རིམ་པ་ཡང་ཟེར། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཀླུའི་བྱང་ཆུབ་བམ་ཀླུའི་བློས་མཛད་པའི་དཔལ་གསང་བ་འདུས་པའི་བསྐྱེད་རིམ་གཙོ་བོར་སྟོན་ཞིང་རྫོགས་རིམ་གྱི་གནད་འགའ་ཞིག་ཀྱང་སྟོན་པའི་གཞུང་ཞིག རྗེའི་རིམ་ལྔ་གསལ་སྒྲོན་ལས། བསྐྱེད་རིམ་གཙོ་ཆེ་ཞིང་རྫོགས་རིམ་ཡང་སྟོན་པ་རྣམ་གཞག་རིམ་པ་ནི་ཤིན་ཏུ་གྲགས་ཆེ་ལ། ཞེས་གསུངས། མཁས་གྲུབ་ཆོས་རྗེའི་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ་༡༤ན༡ལས་ཀྱང་། སློབ་དཔོན་ཀླུ་བྱང་གིས། གཙོ་བོར་བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་སྦྱོར་ཚུལ་ལ་སོགས་པ་འཆད་ཅིང་། རྫོགས་རིམ་ཡང་ཅུང་ཟད་སྟོན་པ་རྣམ་གཞག་རིམ་པ་དང་། ཞེས་གསུངས་སོ། །