From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྩ་རོ་མ
|
Tibetan Definition
|
<ར་ས་ནཱ> རྩའི་གཙོ་མོ་གསུམ་གྱི་ཡ་གྱལ་ཞིག་སྟེ། དེ་ནི་ཁ་དོག་དམར་པོ། ལྟེ་བ་ཡན་དུ་རྩ་དབུ་མའི་གཡས་ན་གནས་ཀྱང༌། ལྟེ་འོག་ནས་དབུ་མའི་གཡོན་དུ་འཁྱོགས་ཏེ་བཤང་བ་འཕེན་འཛིན་བྱེད་ལ་ཁྲག་གཙོ་བོར་འབབ་པའི་རྩ་ཞིག མིང་གི་རྣམ་གྲངས་ནི། རོ་མ། ར་ས་ནཱ། འཛིན་པའི་རྩ། ངག་གི་རྩ། གཡས་ཀྱི་རྩ། བུད་མེད་ཀྱི་རྩ། ཉི་མའི་རྩ། ཤེས་རབ་ཀྱི་རྩ། རྡུལ་གྱི་རྩ་རྣམས་སོ། །རོ་མ་ལ་བུད་མེད་ཀྱི་རྩ། ཉི་མའི་རྩ། ཤེས་རབ་ཀྱི་རྩ། རྡུལ་གྱི་རྩ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཁྲག་གཙོ་བོར་འབབ་པའི་སྒོ་ནས་ཡིན་པ་འདྲའོ། །ཞེས་རྗེའི་གསུང་ཟིན་བྲིས་མ་རྒྱུད་ཀྱི་རྫོགས་རིམ་དཔྱིད་ཐིག་ལས་གསུངས། རྩ་རོ་མ་ཁ་དོག་དམར་པོ་ཡིན་པའི་རྒྱུ་མཚན་ནི། རྩ་དེའི་ནང་ནས་ཁྲག་གཙོ་བོར་འབབ་པའི་རྒྱུ་མཚན་གྱིས་ཡིན་ནོ། །རོ་མ་ཞེས་པ་ནི་རོ་བཅུད་དང་ལྡན་པའམ་ལྡན་མ་ཞེས་པའི་དོན་ཡིན།
|