From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྩ་ལག
|
Tibetan Definition
|
<བནྡྷུ> 1 གཉེན་དང་ཉེ་དུའི་མིང༌། རྒྱ་ཆེར་རོལ་པའི་མདོ་ལས། ལྷ་ཚངས་པས། བཅོམ་ལྡན་འདས་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་ནི། སྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །གང་སླད་མི་གསུང་འགྲོ་ལ་བཏང་སྙོམས་མཛད་པ་འདི། །འཇིག་རྟེན་རྩ་ལག་ཁྱོད་ལ་རིགས་པ་མ་ལགས་སོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། རྩ་བ་དང་ཡན་ལག་ལྟར་ཕན་ཚུན་དམ་པོར་འབྲེལ་བས་ན་རྩ་ལག་ཅེས་བྱའོ། །ཡང་ན་རྩ་ནི་རྩ་བ་སྟེ་མེས་པོའོ། །ལག་ནི་ཡན་ལག་སྟེ་དེའི་བུ་དང་བུ་མོ། ཡང་བུ་ལ་སོགས་པའོ། །ལུང་གཞི་རྒྱ་ཆེར་འགྲེལ་ལས། རྩ་ལག་ཅེས་བྱ་བ་ནི་མེས་པོ་ཞེས་བྱ་བ་ལ་སོགས་པ་ཉེ་དུའོ། །ཞེས་གསུངས་སོ། །2 མགོན་སྐྱབས། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱི་ངག་སྒྲོན་འགྲེལ་པར། རྒྱབ་དཔུང་གཉེན་པ་རྩ་ལག་སྟེ་མགོན་སྐྱབས་ཞེས་གསུངས། 3 རྩ་བ་དང་ཡན་ལག གཙོ་འཁོར།
|