From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྩབ་ཧྲལ
|
Tibetan Definition
|
1 (འདུལ་བ) དུག་སློག་རལ་ནས་རྩབ་ཧྲལ་དུ་སོང་བ་ལྟར་བཙུན་ཚུགས་ཉམས་ནས་འདོད་ཆགས་ཀྱི་ཚིག་བྱུང་རྒྱལ་དུ་སྨྲ་བ་ལ་ཟེར་རོ། །ཕལ་སྐད་དུ་འཕྲུལ་བཤད་ཅེས་པ་དེའོ། །དབྱིན་ཇིས་ flirt ཟེར་བ་དང་ཕྱོགས་ཙམ་འདྲའོ། །ཀརྨ་པ་མི་བསྐྱོད་རྡོ་རྗེའི་འདུལ་ཊཱིཀ་ལས་ཀྱང་། རྩབ་ཧྲལ་ནི་བཙུན་བུ་ཉམས་ཤིང་འཁྲིག་པ་བསྟེན་པའི་ཕྱིར་གཞོལ་ལ་ངོ་ཚ་མེད་པར་ཞུགས་ཤིང་ཟེ་ལངས་པར་གྱུར་ནས་མགོ་འདར་བ་དང་ཚིགས་འགུལ་བ་དང་ཚིག་འཁྲུལ་པ་ཉིད་ལ་སོགས་པ་ལུས་དང་ངག་གི་ལས་སོ་ཞེས་སོ། །བཙུན་བུ་ཉམས་པ་ནི་ཁྲེལ་ཡོད་ཀྱི་བག་ཤོར་བའོ། །ཞེས་གསུངས་པ་ལྟར་རོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རྩབ་ཧྲལ་ནི་འདོད་པ་དང་རྗེས་སུ་མཐུན་པའི་སྐད་གསང་མཐོ་ལ་མི་གསལ་སྒྲོག་པར་བྱེད་པའོ། །ཞེས་གསུངས། ཊཱི་ཀ་ལས། གཞོགས་སྟེགས་ཀྱི་རྒྱུར་འགྱུར་བ་ནི་ཐོ་འཚམས་པའོ། །འཕྱར་གཡེང་གི་རྒྱུར་འགྱུར་བ་ནི་ཀུན་ཏུ་རྩེ་བའོ། །རྩབ་ཧྲལ་གྱི་རྒྱུར་འགྱུར་བ་ནི་ཀུན་ཏུ་ཅ་ཅོ་འདོན་པའོ་ཞེས་བཤད་དོ། །ཞེས་གསུངས། མཚོ་ཊཱིཀ་སོགས་སུ་ཙབ་ཧྲལ་ཞེས་སྣང་།
|