10352

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 16:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
རྩིས་ཟིན་པ
Tibetan Definition ཤུགས་རྐྱེན་ཐེབས་པ། ཤུགས་ཀྱིས་ཟིན་པ། དཔེར་ན་བུ་སྡུག་པ་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་ལ་སོགས་པ་ལ་འཇུག་པའི་ཚེ་བློ་ཅི་སྐྱེས་ཀྱང་མྱ་ངན་གྱི་ཤུགས་དེས་མ་བཏང་བ་ལྟ་བུ་ལ། རྩིས་ཟིན་པའམ་ཤུགས་ཀྱིས་ཟིན་པ་ཟེར། རྗེའི་ལམ་རིམ་ཆེན་མོ་ལས། དེས་ན་ལྟ་བས་ཟིན་པའི་སྤྱོད་པ་དང་ཐབས་ཀྱིས་ཟིན་པའི་ཤེས་རབ་ནི། དཔེར་ན། བུ་སྡུག་པ་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་ལ་སོགས་པ་ལ་འཇུག་པའི་ཚེ་བློ་ཅི་སྐྱེས་ཀྱང་མྱ་ངན་གྱི་ཤུགས་དེས་མ་བཏང་ཡང་བློ་དེ་རྣམས་ཐམས་ཅད་མྱ་ངན་གྱི་བློ་ཡིན་མི་དགོས་པ་བཞིན་དུ། སྟོང་པ་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་ན་སྦྱིན་པ་གཏོང་བ་དང་ཕྱག་དང་སྐོར་བ་དང་བཟླས་རྗོད་བྱེད་པའི་ཚེ་དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མ་ཡིན་ཀྱང་དེའི་རྩིའམ་ཤུགས་དང་ལྡན་པར་འཇུག་པ་མི་འགལ་ལ། ཐུན་འགོ་ལྟ་བུ་ལ་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་ན་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་ལ་བཞག་པའི་ཚེ་བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང་དེའི་རྩིས་ཟིན་པ་མི་འགལ་ལོ། །དེས་ན་དེ་འདྲ་བ་ལ་དམིགས་པ་མེད་པའི་སྦྱིན་པ་ཞེས་བྱ་ཡི། གཏོང་བའི་སེམས་པ་གཏན་མེད་པ་ལ་སྦྱིན་པ་མི་བཏུབ་ལ་དེ་བཞིན་དུ་ལྷག་མ་ལའང་ཤེས་པར་བྱའོ། །ཞེས་གསུངས་སོ། །