From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྫས་ཡོད
|
Tibetan Definition
|
ཚུགས་ཐུབ་ཏུ་གནས་ཐུབ་པའི་ཆོས་ཤིག་ལ་ཟེར། (ཐལ་འགྱུར་བ་ལྟར་ན་ཚུགས་ཐུབ་ཀྱི་ཆོས་དང་རྫས་ཡོད་མི་འདོད) རྫས་ཡོད་ལ་དབྱེ་ན། ༡ རང་སྐྱ་ཐུབ་པའི་རྫས་ཡོད། དེ་ནི་རང་ཉིད་བློ་ཡུལ་དུ་བཟུང་བ་ལ་ཆོས་གཞན་བློ་ཡུལ་དུ་འཆར་བ་ལ་མི་ལྟོས་པའི་རྫས་ཡོད། ༢ ཡོད་པ་ཙམ་གྱི་རྫས་ཡོད། དཔེར་ན་ཡོད་ན་ནི་ཐམས་ཅད་རྫས་སུ་ཡོད་པ་ཁོ་ནའོ། །ཞེས་པ་ལྟ་བུ། ༣ དོན་བྱེད་ནུས་པའི་རྫས་ཡོད། དངོས་པ་དང་བྱས་མི་རྟག་ལྟ་བུ། ༤ བརྟན་པ་མི་འགྱུར་བའི་རྫས་ཡོད། འདུས་མ་བྱས་ཀྱི་ནམ་མཁའ་དང་འགོག་པ་གཉིས་ལྟ་བུ། རྫས་ཡོད་ལ་མང་དུ་ཡོད་ཀྱང་རྫས་ཡོད་དང་པོ་ཉིད་གྲགས་ཆེའོ། །ལྕང་སྐྱ་རོལ་པའི་རྡོ་རྗེའི་དབུ་མའི་སྐབས་ཀྱི་དག་ཡིག་མཁས་པའི་འབྱུང་གནས་༤༡༢ལས། རྫས་ཡོད་ལ། སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རིགས་པས་གྲུབ་པའི་རྫས་ཡོད། བརྟན་པའི་རྫས་ཡོད། དོན་བྱེད་ནུས་པའི་རྫས་ཡོད། རང་སྐྱ་ཐུབ་པའི་རྫས་ཡོད། ཚུགས་ཐུབ་ཀྱི་རྫས་ཡོད། བདེན་གྲུབ་ཀྱི་རྫས་ཡོད་དང་དྲུག་གསུངས་སོ། །གྲུབ་མཐའ་ཆེན་མོའི་མཆན་འགྲེལ་ལས། རྫས་ཡོད་ལ་འཇོག་ཚུལ་མང་པོ་ཡོད་ཀྱང༌། ཐལ་འགྱུར་བའིསྐབས་འདིའི་རྫས་ཡོད་ཀྱི་དོན་ནི། ཐ་སྙད་ཀྱི་དབང་གིས་བཞག་པའི་ཡོད་པ་མ་ཡིན་པར་རང་དབང་ཡོད་པའི་དོན་ཡིན་ནམ་སྙམ་མོ། །ཚུགས་ཐུབ་ཀྱི་དོན་ཡང་བརྡ་དང་ཐ་སྙད་ཀྱི་དབང་གིས་བཞག་པ་མིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་གྱི་སྟེང་དུ་གྲུབ་པའི་དོན་ནོ། །ཞེས་གསུངས།
|