From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྫོགས་པར་བསྙེན་པ
|
Tibetan Definition
|
(འདུལ་བ) བསྙེན་པར་རྫོགས་པ་དང་དོན་འདྲ། ལོ་ཙཱ་བ་འགའ་ཞིག་གིས་བསྙེན་རྫོགས་ལ་རྫོགས་པར་བསྙེན་པ་ཞེས་བསྒྱུར་ཡོད། དཔེར་ན་སློབ་དཔོན་ཆོས་བཤེས་ཀྱི་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་པར་བསྙེན་རྫོགས་ལ་རྫོགས་པར་བསྙེན་པ་ཞེས་བསྒྱུར་ཡོད་དེ། དེ་ཡང་དེའི་སྟོད་ཆ་༤ན༡ལས། རྫོགས་པར་བསྙེན་པ་དེའི་ཕྱིར་དགེ་སློང་འགའ་ཞིག་ལ་མཁན་པ་ཉིད་དུ་གནས་པ་ལའོ་ཞེས་བྱ་བ་དེ་བརྗོད་ནས། ཞེས་སོགས་མང་དུ་གསུངས་པ་ལྟར་རོ། །
|