From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
རྫོགས་རིམ་རྣལ་འབྱོར་བཞི
|
Tibetan Definition
|
(གསང་སྔགས) དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་གྱི་ལམ་བགྲོད་པའི་རིམ་པ་ལ་རྣལ་འབྱོར་བཞིའི་ཐ་སྙད་བྱེད་དེ། ༡ སྔགས་ཀྱི་རྣལ་འབྱོར། (འདི་གསང་འདུས་ཀྱི་ལུས་དབེན་ངག་དབེན་གཉིས་ཀྱི་དོན་ཐུབ་ཡིན) ༢ དམ་ཚིག་གི་རྣལ་འབྱོར། (སེམས་དབེན་གྱི་དོད་ཐུབ) ༣ དབྱིབས་ཀྱི་རྣལ་འབྱོར། (དག་མ་དག་གི་སྒྱུ་ལུས་ཀྱི་དོད་ཐུབ) ༤ རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར། (སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་དང༌། རིམ་པ་བཞི་པའི་དོན་གྱི་འོད་གསལ་གྱི་དོད་ཐུབ་ཡིན་པར་བཤད) དང་བཞིའོ། །འཇིགས་བྱེད་ལྷ་བཅུ་གསུམ་མ། དཔའ་གཅིག དགྲ་ནག གཤེད་དམར། རོ་ལངས་བརྒྱད་སྐོར། ཞེ་དགུ་མ་རྣམས་ལ་རྫོགས་རྣལ་འབྱོར་བཞིའི་ཐ་སྙད་བྱེད་པར་གསུངས། གསང་འདུས་ཀྱི་རྫོགས་རིམ་གྱི་ལམ་བགྲོད་པའི་རིམ་པ་ལ། དབེན་པ་གསུམ་གྱི་རྣལ་འབྱོར། སྒྱུ་ལུས་དང་འོད་གསལ་ཟུང་འཇུག་སྟེ་རྫོགས་རིམ་རིམ་པ་ལྔའམ་དྲུག་གི་ཐ་སྙད་བྱེད།
|