10694

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:09, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལུས་མེད་བདག་པོ
Tibetan Definition བདུད་དགའ་རབ་དབང་ཕྱུག་གི་མིང༌། སྒྲ་བཤད་ནི། ལུས་མེད་བདག་པོ་ཞེས་པ་མངོན་བརྗོད་ཀྱི་གཞུང་ལས། འདོད་ཁམས་པ་རྣམས་གོང་མ་ལ་ལྟོས་ན་ལུང་ཆུང་བས་ལུས་མེད་པ་དང་འདྲ་ལ། འདི་དེའི་བདག་པོ་ཡིན་པའི་ཕྱིར་རམ། ཡང་ན་དབང་ཕྱུག་ཆེན་པོ་དཀའ་ཐུབ་ལ་གནས་པའི་ཚེ། འདིས་རྨོངས་བྱེད་བརྒྱལ་བྱེད་སྨྱོ་བྱེད་དང༌། གསོད་བྱེད་བརྗེད་བྱེད་བཅས་ཀྱི་མདའ་ལྔའོ། །ཞེས་པར་ལྟར་རམ། ཡང་ན་ཚིག་གཏེར་འགྲེལ་པར་བཤད་པ་ལྟར། མྱོས་བྱེད། འདར་བྱེད། དྲེགས་བྱེད། རྨོངས་བྱེད། འཆིང་བྱེད་ཀྱི་གདའ་ལྔ་འཕངས་པའི་ཚེ། དཀའ་ཐུབ་ཉམས་པས་ཁྲོས་ཏེ་ཉི་མ་ཟླ་བ་མེའི་མིག་བཅས་གསུམ་གྱི་དབུས་མ་མེའི་མིག་གིས་བསྲེགས་ཏེ་ལུས་མེད་པར་བྱས་པར་བཤད་པས་དེ་ལྟར་བཏགས་སོ། །