From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| ལེགས་བརྗོད་མ
|
| Tibetan Definition
|
(མངོན་བརྗོད) ལྷའི་དབང་བརྒྱ་བྱིན་གྱི་བཙུན་མོའི་མིང༌། སྒྲ་དབྱངས་ཤིན་ཏུ་སྙན་པས་ལེགས་བརྗོད་མ་ཞེས་བྱའོ། །མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་ལས་གསུངས་སོ། །མངོན་བརྗོད་མཁས་པའི་རྣ་རྒྱན་ལས་ཀྱང་། འཆི་མེད་དབང་མོ་ལྷའི་བཙུན་མོ། ། (སྒྲ་དབྱངས་ཤིན་ཏུ་སྙན་པས) ལེགས་བརྗོད་མ་དང་དབང་ཆེན་མ། ། (ལྷ་མ་ཡིན་གྱི་དྲང་སྲོང་པུ་ལོ་མ་ཞེས་བྱ་བ་ལས་སྐྱེས་པས) པུ་ལོའི་སྲས་མོ་བདེ་སོགས་མའོ། །ཞེས་གསུངས་པ་ལྟར་རོ། །
|