10823

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:15, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོངས་པ་གཞིར་གཏོགས
Tibetan Definition (འདུལ་བ) ལོངས་པ་ནི་འདིར་རྒྱགས་པ་དང་ཁེངས་དྲེགས་ཀྱི་དོན་ཡིན་ལ། དེ་སྐྱེ་བའི་གཞིའམ་རྒྱུར་གྱུར་པ་ལ། ལོངས་པ་གཞིར་གཏོགས་ཟེར། དཔེར་ན་ལོངས་པ་གཞིར་གཏོགས་ཀྱི་ལྟུང་བྱེད་ཅེས་པ་ལྟ་བུ། སྤྱིར་བཏང་ལོངས་པ་ཞེས་པ་གཞན་ལས་ཐོབ་པའམ་ཐོབ་པའི་དངོས་པའི་མིང་ཡིན་ལ། འདིར་ཡུལ་ (དངོས་རྫས) གྱི་མིང་ཡུལ་ཅན་ (རྒྱགས་པ) ལ་ཐོགས་པ་འདྲའོ། །སྐབས་རེར་འདོད་ཆགས་ལ་ལེན་པ་ (རྟེན་འབྲེལ་བཅུ་གཉིས་ཀྱི་སྲེད་པ་དང་ལེན་པ་ཞེས་པ་ལྟ་བུ) ཞེས་བཏགས་པ་དང་ཅུང་ཟད་ཆ་འདྲའོ། །