10828

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:15, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ལོངས་སྤྱོད་གནས
Tibetan Definition ལོངས་སྤྱོད་པའི་གནས་ནི། ལོངས་སྤྱོད་པའི་རྒྱུ་ལ་ཟེར། ལོངས་སུ་སྤྱོད་པ་ལ་སྔོན་དུ་འགྲོ་དགོས་པའི་ཆ་རྐྱེན། དཔེར་ན་ཤིང་ཐོག་ཨཱམ་ལྟ་བུ་ལོངས་སྤྱོད་པ་ལ་སྨིན་པ་སྔོན་དུ་འགྲོ་དགོས་པ་ལྟ་བུའོ། །དབུ་མ་ལ་འཇུག་པ་ལས། ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །ཞེས་པའི་སྐབས་འདིར་གནས་ནི་རྒྱུ་ལ་གོ་དགོས་པས་ལོངས་སྤྱོད་པའི་རྒྱུ་ཞེས་པའི་དོན་ནོ། །རྗེའི་དགོངས་པ་རབ་གསལ་ལས། ཐ་མར་གལ་ཆེ་བ་ལ་སྨིན་པ་དང་འདྲ་ཚུལ་ནི། །རྒྱལ་བའི་གོ་འཕང་ཐོབ་ཏུ་ཟིན་ཀྱང་སྙིང་རྗེའི་སྨིན་པ་དང་བྲལ་ན། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཉེ་བར་ལོངས་སྤྱོད་པའི་རྒྱུར་མི་འགྱུར་ཞིང་། ཉན་རང་དང་བྱང་སེམས་འཕགས་པའི་ཚོགས་གཅིག་ནས་གཅིག་ཏུ་བརྒྱུད་པ་བར་མ་ཆད་པ་འཕེལ་བར་ཡང་མི་འགྱུར་ལ། འབྲས་བུའི་སར་སྙིང་རྗེ་ཆེན་པོ་རྒྱུན་ལྡན་དུ་འཇུག་ན་དེ་ལས་བཟློག་སྟེ་འབྱུང་བའོ། །ཞེས་གསུངས་སོ། །གནས་རྒྱུ་ལ་འཇུག་པའི་དཔེ་གཞན་ཡང་ཡོད་དེ། དཔེར་ན་བདག་མེད་པའི་རྒྱུ་ཆང་ལ། བག་མེད་པའི་གནས་ཞེས་བརྗོད་པ་ལྟ་བུའོ། །