11239

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 17:40, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
ཤམ་བྷ་ལའི་རྒྱལ་པོ་རིགས་ལྡན་ཉེར་ལྔ
Tibetan Definition བྱང་ཤམྦྷ་ལའི་རྒྱལ་པོ་རིགས་ལྡན་ཉེར་ལྔ་ནི། ༡ རིགས་ལྡན་འཇམ་དབྱངས་གྲགས་པ་དང་། (འཇམ་དབྱངས་ཀྱི་སྤྲུལ་པ) ༢ རིགས་ལྡན་པདྨ་དཀར་པོ། (སྤྱན་རས་གཟིགས་ཀྱི་སྤྲུལ་པ) ༣ རིགས་ལྡན་བཟང་པོ། (གཤིན་རྗེ་གཤེད་ཀྱི་སྤྲུལ་པ) ༤ རིགས་ལྡན་རྣམ་རྒྱལ། (ས་སྙིང་གི་སྤྲུལ་པ) ༥ རིགས་ལྡན་བཤེས་གཉེན་བཟང་པོ། (རྨུགས་བྱེད་ཀྱི་སྤྲུལ་པ) ༦ རིགས་ལྡན་ཕྱག་དམར་བ། (སྒྲིབ་སེལ་གྱི་སྤྲུལ་པ) ༧ རིགས་ལྡན་ཁྱབ་འཇུག་སྦས་པ། (ཁེངས་བྱེད་སྤྲུལ་པ) ༨ རིགས་ལྡན་ཉི་མ་གྲགས་པ། (ནམ་སྙིང་སྤྲུལ་པ) ༩ རིགས་ལྡན་ཤིན་ཏུ་བཟང་པོ། (བགེགས་དགྲའི་སྤྲུལ་པ) ༡༠ རིགས་ལྡན་རྒྱ་མཚོ་རྣམ་རྒྱལ། (ཕྱག་རྡོར་སྤྲུལ་པ) ༡༡ རིགས་ལྡན་རྒྱལ་དཀའ། (གཤིན་རྗེ་གཤེད་ཀྱི་སྤྲུལ་པ) ༡༢ རིགས་ལྡན་ཉི་མ། (ས་སྙིང་སྤྲུལ་པ) ༡༣ རིགས་ལྡན་སྣ་ཚོགས། (རྨུགས་བྱེད་སྤྲུལ་པ) ༡༤ རིགས་ལྡན་ཟླ་བའི་འོད། (སྒྲིབ་སེལ་སྤྲུལ་པ) ༡༥ རིགས་ལྡན་མཐའ་ཡས། (ཁེངས་བྱེད་སྤྲུལ་པ) ༡༦ རིགས་ལྡན་ས་སྐྱོང་། (ནམ་སྙིང་སྤྲུལ་པ) ༡༧ རིགས་ལྡན་དཔལ་སྐྱོང་། (བགེགས་དགྲའི་སྤྲུལ་པ) ༡༨ རིགས་ལྡན་སེང་གེ། (ཕྱག་རྡོར་སྤྲུལ་པ) ༡༩ རིགས་ལྡན་གནམ་གནོན། (གཤིན་རྗེ་མཐར་ཕྱིན་སྤྲུལ་པ) (ད་ལྟ་འདི་ཁྲི་ལ་ཕེབས་ནས་གདོང་ངན་ཞེས་པ་མེ་སྤྲེལ་ལ་ཕུག་ལུགས་པས་ལོ་ལྔ་བཅུ་སོང་། རྒྱལ་བ་བསྐལ་བཟང་རྒྱ་མཚོའི་ཡང་སྲིད་རིན་པོ་ཆེ་རྒྱལ་བ་འཇམ་དཔལ་རྒྱ་མཚོ་ཁྲི་འདོན་བྱས་ནས་ལོ་བཅོ་ལྡ་སོང་བ་ཡིན། ཞེས་ཀློང་རྡོལ་བླ་མ་གསུང) ༢༠ རིགས་ལྡན་སྟོབས་པོ་ཆེ། (ས་སྙིང་སྤྲུལ་པ) ༢༡ རིགས་ལྡན་མ་འགགས་པ། (རྨུགས་བྱེད་སྤྲུལ་པ) ༢༢ རིགས་ལྡན་མི་ཡི་སེང་གེ། (སྒྲིབ་སེལ་སྤྲུལ་པ) ༢༣ རིགས་ལྡན་དབང་ཕྱུག་ཆེན་པོ། (ནམ་སྙིང་སྤྲུལ་པ) ༢༤ རིགས་ལྡན་མཐའ་ཡས་རྣམ་རྒྱལ། (ཕྱག་རྡོར་སྤྲུལ་པ) ༢༥ རིགས་ལྡན་དྲག་པོ་འཁོར་ལོ་ཅན་ཉེར་ལྔ་པ་ཡིན་ནོ། །རིགས་ལྡན་ཉེར་ལྔ་རྫོགས་སོ། །དེའི་སྲས་འཇམ་དབྱངས་སྤྲུལ་པ་ཚངས་དབང་དང་། སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལྷ་དབང་གཉིས། ལྷ་དབང་འདི་རྒྱལ་བ་རིན་པོ་ཆེའི་སྐུ་ཕྲེང་རྣམས་ཡིན་པར་གྲགས། དུས་འཁོར་དབང་ཆེན་འདི་རྒྱལ་བ་རིན་པོ་ཆེའི་སྒེར་ཆོས་ལྟ་བུར་གྱུར་པའི་རྒྱུ་མཚན་ཡང་དེ་ཡིན་པར་སེམས་སོ། །བོད་ལ་ཡིན་ན་རྒྱལ་བ་རིན་པོ་ཆེ་མ་གཏོགས་མི་དམངས་འདུས་ཚོགས་ལ་དུས་འཁོར་དབང་ཆེན་སུས་ཀྱང་གནང་མི་ཆོག་ཅེས་བགྲེས་པ་རྣམས་ལས་ཐོས་སོ། །རིགས་ལྡན་ཉེར་ལྔའི་གོང་དུ་མ་བྱོན་གོང་། བྱང་ཤམྦྷ་ལའི་སྔོན་གྱི་ཆོས་བདུན་དུ་གྲགས་པ། ༡ རྒྱལ་པོ་ཟླ་བ་བཟང་པོ་དང་། ༢ རྒྱལ་པོ་ལྷ་དབང་། ༣ རྒྱལ་པོ་གཟི་བརྗིད་ཅན། ༤ རྒྱལ་པོ་ཟླ་བས་བྱིན། ༥ རྒྱལ་པོ་ལྷ་ཡི་དབང་ཕྱུག ༦ རྒྱལ་པོ་སྣ་ཚོགས་གཟུགས། ༧ རྒྱལ་པོ་ལྷ་ཡི་དབང་ལྡན་བཅས་བདུན་པོ་རྣམས་སྔོན་དུ་སོང་ཟིན་པ་ཡིན་ནོ། །