11447

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:54, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
Tibetan Definition (མཛོད) 1 སྲ་ཞིང་འཐས་པ། སའི་མཚན་ཉིད། འདིའི་འཐས་པ་ནི་མཁྲེགས་པའི་དོན་ཡིན་ཀྱང་། བརྟས་པའི་དོན་ལའང་བཤད་དེ། ལུང་རྣམ་འབྱེད་༼ ཅ ༽༤༨བ ༥ལས། རྒྱ་མཚོ་འབའ་ཞིག་ཏུ་གྱུར་པའི་སྟེང་དུ་རླུང་གིས་པྲིས་མ་ཀུན་ཏུ་ཆགས་པར་བྱེད། ཀུན་ཏུ་འཐས་པར་བྱེད། ཀུན་ཏུ་ཁྱབ་པར་བྱེད་དེ། ཞེས་གསུངས་པ་ལྟ་བུ། དེའི་ཐད་ཀྱི་འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་༼ ཚུ ༽༣༤བ༤ལས། ཀུན་ཏུ་ཆགས་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་བརྟས་པར་བྱེད་པའོ། །ཀུན་ཏུ་ཁྱབ་པར་བྱེད་ཅེས་བྱ་བ་ནི་ཀུན་ཏུ་འབྱེད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་རོ། །2 ལམ་ཞུགས་ཀྱི་མཁྱེན་པ། ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །ཞེས་པ་ལྟ་བུ།