11617

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:06, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེ་ཆེན་རྒྱལ་པོ
Tibetan Definition རྒྱ་ནག་ལ་དབང་སྒྱུར་བྱེད་མཁན་གྱི་ཡོན་རྒྱལ་རབས་སམ་སོག་པོའི་རྒྱལ་རབས་ཀྱི་རྒྱལ་པོ་ཀུབ་ལའི་ཁཱན་Khublai Khan གྱི་མིང་ཡིན། འདི་རྒྱ་ནག་ལ་དབང་བསྒྱུར་བའི་སོག་པོའི་རྒྱལ་པོ་ཆིང་གི་སི་ཁཱན་Genghis Khan གྱི་ཚ་བོ་ (བུའི་བུ) ཡིན་ཞིང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་མཆོད་ཡོན་གྱི་འབྲེལ་བ་བྱུང་ནས་ཕྱིས་སློབ་མ་དང་ནང་པར་གྱུར་ཏེ་བོད་ཀྱི་རྒྱལ་རབ་ལོ་རྒྱུས་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པའི་སོག་པོའི་རྒྱལ་པོ་ཞིག རྒྱལ་པོ་འདིས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དབང་ཡོན་དུ་ཕུལ་བར་གྲགས། ཁཱན་Khan, or Kaan ཞེས་པ་ནི་གོ་གནས་ཀྱི་མིང་འདི་ནི། རྒྱལ་པོ་ཆེན་པོ་emperor ཞེས་པའི་དོད་ལྟ་བུ་ཞིག་ལ་མར་ཀོ་པོ་ལོའི་ལམ་ཡིག་Travels of Marco Polo ༨༩ནང་ངོས་འཛིན་བྱས་འདུག ཞྭ་སྒབ་པའི་རྒྱལ་རབས་༢༦༤ལས་ཀྱང༌། ཁཱང་ཞེས་པ་ནི་རྒྱལ་པོའི་གོ་ས་ཡིན་འདུག་ཅེས་གསུངས།