From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| སེམས་ཀྱི་རྡོ་རྗེ
|
| Tibetan Definition
|
སྔགས་ལུགས་ཀྱི་སྟོང་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག འདི་གཙོ་བོ་སྔགས་ལུགས་ཀྱི་ཐ་སྙད་ཅིག་ཡིན་ཀྱང༌། སྤྱིར་བཏང་མདོ་སྔགས་གཉིས་ཀའི་ཐུན་མོང་གི་ཐ་སྙད་ཡིན་ཏེ། ཀླུ་སྒྲུབ་ཀྱི་བསྟོད་ཚོགས་ནང༌། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་ཞེས་འབྱུང་བ་ལྟ་བུ་ཞེས་མཁས་པ་རྣམས་གསུང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཕྱག་ཆེན་རྩ་བར་ཡང༌། ཀུན་ཁྱབ་ཀུན་གྱི་རང་བཞིན་ཕྱག་རྒྱ་ཆེ། །དབྱེར་མེད་བརྗོད་བྲལ་སེམས་ཀྱི་རྡོ་རྗེའི་དབྱིངས། །ཞེས་གསུངས་པ་ལྟར་རོ། །
|