From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| སེམས་ཉིད
|
| Tibetan Definition
|
1 སེམས་ཀྱི་ཆོས་ཉིད། སེམས་ཉིད་ཅེས་པའི་ཉིད་སྒྲའི་སྐད་དོད། ཏ་ཏྭ་ཞེས་པ་སྟོང་ཉིད་ཡིན་པས་སེམས་རྐྱང་མིན་པར་དེའི་གནས་ལུགས་ལ་གོ་དགོས་པ། དཔེར་ན་སེམས་སྟོང་པ་ཉིད་ལ་སྦར་འཛིན་བྱས་ལྟ་བུ། (བཀའ་རྙིང) སེམས་ཀྱི་ཆོས་ཉིད་དམ་བདེ་གཤེགས་སྙིང་པོ། སྒྲ་བཤད་ནི། སེམས་ཞེས་པས་སེམས་རང་གི་ངོ་བོ་དང༌། ཉིད་ཅེས་པས་ཆོས་ཉིད་དེ་སེམས་ཀྱི་གནས་ལུགས་བསྟན་པར་བཞེད།
|