11749

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:18, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སེར་འབྲས་དགའ་གསུམ
Tibetan Definition སེ་ར། འབྲས་སྤུངས། དགའ་ལྡན་དང་གསུམ་མོ། །འདི་ལ་སེར་འབྲས་དགའ་གསུམ་དང་། སེ་འབྲས་དགའ་གསུམ་རའི་མཐའ་རྟེན་ཡོད་མེད་ཀྱི་འབྲི་ཚུལ་གཉིས་སྣང་ཡང་། གང་བྲིས་ཀྱང་ཁྱད་པར་ཆེར་མི་སྣང་ངོ་། །བོད་རྒྱ་ཚིག་མཛོད་ཆེན་མོ་སོགས་སུ། སེ་འབྲས་དགའ་གསུམ་ཞེས་བྲིས་སྣང་ལ། ྋརྒྱལ་དབང་ལྔ་པའི་རང་རྣམ་དཱུ་ཀུ་ལའི་གོས་བཟང་དེབ་དང་པོ་༡༢༧ལས། སྤྱན་རས་གཟིགས་ཀྱི་མཚོ་ནས་སེར་འབྲས་དགེ་གསུམ་དང་ལྷ་ས་གསལ་པོ་བསྟན་བྱུང་བས་ཐམས་ཅད་ཡ་མཚན་ཞིང་སྟར་སྡོང་མགྲོན་གཉེར་ཧ་ལས་དྲགས་ཏེ་ལབ་རྒྱུའང་མི་འདུག་ཅེས་ཁོ་བོས་བྲིས་པ་ལྟར་གསུངས་སོ། །