From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| སོ་ཐར་གྱི་སྡོམ་པ
|
| Tibetan Definition
|
(འདུལ་བ) 1 (ཐལ་འགྱུར་བའི་ལུགས) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་ཆོས་ཀྱི་བསྐྱེད་མཆེད་ཀྱི་གཟུགས་དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། ཐལ་འགྱུར་བས་བཞེད། 2 (བྱེ་བྲག་སྨྲ་བའི་ལུགས) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་བསྟན་མེད་ཐོགས་མེད་ཀྱི་གཟུགས་དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། བྱེ་བྲག་སྨྲ་བས་བཞེད། 3 (མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པའི་ལུགས་ལ) ངེས་འབྱུང་གི་བསམ་པས་རྒྱུ་བྱས་ནས་གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ལྡོག་པར་ཁས་བླངས་ཤིང་དམ་བཅས་པའི་སྤོང་བའི་སེམས་པ་རྒྱུན་ཆགས་པ་ས་བོན་དང་བཅས་པ་དེ། སོ་ཐར་གྱི་སྡོམ་པའི་ངོ་བོར། མདོ་སྡེ་པ། སེམས་ཙམ་པ། རང་རྒྱུད་པ་བཅས་ཀྱིས་བཞེད་དོ། །རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས། ངེས་འབྱུང་བསམ་པས་རྒྱུ་བྱས་ནས། །གཞན་གནོད་གཞི་དང་བཅས་པ་ལས། །ལྡོག་པ་དེ་ཡང་ལུས་ངག་ལས། །གཟུགས་ཅན་ཡིན་ཞེས་འདོད་པ་དང༌། །སྤོང་བའི་སེམས་པ་རྒྱུན་ཆགས་པ། །ས་བོན་དང་བཅས་ཡིན་ནོ་ཞེས། །འདོད་པའི་ཚུལ་ནི་རྣམ་པ་གཉིས། །རང་གི་སྡེ་པ་གོང་འོག་སྨྲ། །ཞེས་གསུངས་པ་ལྟར་རོ། །
|