From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
| སྐུ་བཞི
|
| Tibetan Definition
|
3 (ཀོང་སྤྲུལ) ངོ་བོ་སྟོང་པ་ཆོས་སྐུ། རྣམ་པ་གསལ་བ་སྤྲུལ་སྐུ། དེ་གཉིས་ཟུང་དུ་འཇུག་པ་ལོངས་སྐུ། དེ་རྣམས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ། འཁྲུལ་སྣང་སྐུ་བཞིར་སྣང་བ་ཡིས། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་པའི་ཐད་ཀྱི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་བློ་སྦྱོང་དོན་བདུན་མའི་འགྲེལ་པར་གསལ། འཁྲུལ་སྣང་སྐུ་བཞིར་སྣང་བ་ཡིས། །སྟོང་ཉིད་སྲུང་བ་བླ་ན་མེད། །ཅེས་པའི་ཚིག་རྐང་གཉིས་པོ་འདི་དགེ་ལྡན་པའི་བློ་སྦྱོང་དོན་བདུན་མའི་དཔེ་རྣམས་སུ་མི་སྣང་། དགེ་ལུགས་པའི་ལུགས་ལ་ཚིག་འདི་འགྲེལ་བཤད་བྱེད་མི་བདེ་བས་དོར་བའམ་ཡང་ན་གྲུབ་མཐའ་གཞན་གྱིས་སྣོན་པ་བཏབ་པ་གང་ཡིན་དཔྱད་དགོས་སོ། །ཁོ་བོས་ནི་ཕལ་ཆེར་དོར་བ་ཡིན་ནམ་སྙམ་དུ་དོགས་སོ། །
|