11999

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:33, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱིལ་ཀྲུང
Tibetan Definition བརླ་གཡས་པའི་སྟེང་དུ་རྐང་པ་གཡོན་པ་བཞག གཡོན་པའི་སྟེང་དུ་རྐང་པ་གཡས་པ་བཞག་པའི་འདུག་སྟངས་ལ་ཟེར། སྐྱིལ་ཀྲུང་གི་མཚོན་དོན་ནི། ཤིན་ཏུ་བརྟན་པའི་མཚོན་དོན་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་«སྒྲོལ་མའི་སྒྲུབ་ཐབས»རྒྱུད་འགྲེལ་༼ ཤ ༽༥ན༦ ལས། འཁོར་བཞི་ཀ་སྐྱིལ་ཀྲུང་དུ་བྱུང་བ་ནི་གཞན་གྱི་དོན་ལ་ཤིན་ཏུ་བརྟན་པའོ། །ཞེས་གསུངས་པ་ལྟར་རོ། །སྒྲ་བཤད་ནི། སྐྱིལ་ནི་ཕྱོགས་གཅིག་ཏུ་སྡུད་པའམ་རུབ་རུབ་བཟོས་པའི་དོན་ཡིན་ལ། དཔེར་ན་ཆུ་སྐྱིལ་ལྟ་བུ། ཀྲུང་ནི། སྐུམ་པའི་དོན་ཡིན་པར་སེམས་སོ། །འདི་ལ་སྐྱིལ་ཀྲུང་དང་། དཀྱིལ་ཀྲུང་། དཀྱིལ་དཀྲུང་ཞེས་འབྲི་ཚུལ་གསུམ་ཙམ་སྣང་ཡང་། སྐྱིལ་ཀྲུང་ཉིད་ལེགས་པར་སྣང་སྟེ་རྒྱུ་མཚན་ནི་གོང་གི་སྒྲ་བཤད་ཀྱིས་ཤེས་སོ། །