From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྐྱེ་དགུའི་བདག་པོ
|
Tibetan Definition
|
<པྲ་ཛ་པ་ཏི> 1 རྒྱལ་པོའི་མིང་། སྒྲ་བཤད་ནི། སྐྱེ་དགུ་ནི་འབངས་དང་མིའི་མིང་ཡིན་ལ། བདག་པོ་ནི་གཙོ་བོའི་དོན་ཡིན་པས་སྐྱེ་དགུའི་བདག་པོ་ཞེས་བྱའོ། ། 2 ཚངས་པའི་མིང་། ཚངས་པའི་མིང་གི་རྣམ་གྲངས་བཤད་པའི་སྐབས་ཀྱི་མངོན་བརྗོད་འཆི་མེད་མཛོད་༣ན༦ལས། སྦྱིན་བྱེད་སྐྱེ་དགུའི་བདག་པོ་དང་། །ཞེས་གསུངས་པ་ལྟར་རོ། །གཞན་ཡང་། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༨ན༥ལས། སྐྱེ་དགུའི་བདག་པོ་ནི་སྐྱེ་འགྲོ་ཐམས་ཅད་ཀྱི་གཙོ་བོའོ། །ཞེས་གསུངས་སོ། །
|