12088

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:38, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྐྱོན་ནས་སྨྲ་བའི་ལྟུང་བྱེད
Tibetan Definition (འདུལ་བ) འབའ་ཞིག་པ་དགུ་བཅུའི་གཉིས་པ། སྐྱོན་ནས་སྨྲ་བའི་ལྟུང་བྱེད་ཀྱི་ངོ་ཏི་ནི། བཅས་ལྡན་དགེ་སློང་གིས་དགེ་སློང་གཞན་ལ་ཡུལ་དུས་དེ་ན་སྐྱོན་དུ་གྲགས་པ་གང་ཡང་རུང་བ་ངག་ཏུ་སྨྲས་ཏེ་དོན་གོ་བ་ལས་གྱུར་པའི་ལྟུང་བ་དངོས་གཞིའོ། །གླེང་གཞི་ནི། མཉན་ཡོད་དུ་དྲུག་སྡེ་དགེ་སློང་གཞན་གྱི་སྐྱོན་ནས་སྨྲས་པས་ལྟུང་བྱེད་དུ་བཅས་སོ། །དགག་བྱ་ནི། རང་རིགས་ཀྱི་སེམས་བདེ་བ་ལ་གནོད་པའོ། །དུད་འགྲོ་ལའང་སྐྱོན་ནས་སྨྲས་ན་མི་དགའ་བའི་སྐོར། གླང་མཇུག་རྡུམ་དང་། གླང་རུ་འདེལ་དང་ཁུ་ཡུ་ཞེས་པའི་གླང་གསུམ་གྱི་གཏམ་རྒྱུད་སྙན་པོ་ཞིག འདུལ་བ་ལུང་རྣམ་འབྱེད་༼ ཆ་པ ༽༢༢༨བ༦ན་ཡོད་དོ། །