From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒོ་ང
|
Tibetan Definition
|
བྱ་དང་ཉ་སྦྲུལ་རུས་སྦལ་སོགས་ཀྱིས་བཏང་བའི་སྲོག་ཆགས་སྐྱེ་བའི་ནུས་པ་ལྡན་པའི་དངོས་རྫས་རིལ་པོ་ཞིག་གི་མིང་། བྱའི་སྒོ་ང་ལྟ་བུ་ཤུན་སྐོགས་དང་ལྡན་ཞིང་། ཉ་སོགས་ལ་ཤུན་སྐོགས་མེད། སྒྲ་བཤད་ནི། སྒོ་ང་ཞེས་པའི་ཚིག་འདི་བྱུང་ཚུལ་ནི། ཐོག་མར་སྒོང་བ་ཞེས་བརྗོད་པ་ཐག་ཆོད། དེ་ནས་རིམ་གྱིས་སྒོང་ང་། དེ་ཡང་ཡིག་ཟོར་ཡང་བའི་ཆེད་དུ། སྒོ་ང་ཞེས་བྲིས་པར་ངེས་སོ། །སྒོང་བ་ཞེས་པ་ནི་རྡོག་རྡོག་གམ་རིལ་རིལ་བཟོ་བའི་དོན་ཡིན་པས། དེ་ལས་དྲས་པར་ངེས་སོ། །སྒོང་བ། བསྒོངས་བ། བསྒོང་བ། སྒོངས་ཤིག་ལྟ་བུའོ། །
|