From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན
|
Tibetan Definition
|
1 (མདོ་སྔགས་ཐུན་མོང) བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན། རྒྱལ་མཆོག་བདུན་པ་སོགས་ཀྱི་གསུང་ལྟར་བྱས་ན། བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པའི་དག་སའི་ཏིང་ངེ་འཛིན་ཞེས་བརྗོད་པར་བྱའོ། །རྒྱལ་མཆོག་བདུན་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ས་བརྒྱད་པ་ནས་ཐོབ་པར་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་དེབ་གཟུགས་༢༥༡ན་གསུངས། འདི་ལ་དོགས་གཅོད་འདི་ལྟར་འབྱུང་སྟེ། ཐལ་འགྱུར་བའི་ལུགས་ལ་ཉན་རང་དགྲ་བཅོམ་པས་ཀྱང་བདེན་འཛིན་ཟད་པར་སྤངས་པས་དེ་དག་གི་རྒྱུད་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡོད་དམ་ཞེ་ན། རྒྱལ་མཆོག་བདུན་པས་མེད་པར་གསུངས་ཏེ། དེ་ཉིད་ཀྱིས་མཛད་པའི་བསྟོད་སྤྲིན་རྒྱ་མཚོའི་འགྲེལ་པ་ལས། འོ་ན། འཇུག་པ་ལས། བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་ཉན་རང་དགྲ་བཅོམ་པ་དང་དག་ས་ལ་གནས་པའི་སེམས་དཔའ་གསུམ་བདེན་འཛིན་ཟད་པར་སྤངས་པ་འདྲ་བས་དེ་གསུམ་གྱི་བློ་ངོར་ཆོས་ཐམས་ཅད་བརྫུན་པའམ་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་མ་ཡིན་པར་གསུངས་པས། ཉན་རང་དགྲ་བཅོམ་པས་ཀྱང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པ་ཡིན་ནམ་ཞེ་ན། ཉན་རང་དགྲ་བཅོམ་པ་རྣམས་ཀྱིས་ཀྱང་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུར་གཟིགས་པ་ལས་མི་གཡོ་བ་དག་སའི་སེམས་དཔའ་རྣམས་དང་འདྲ་མོད་ཀྱང་། དེ་དག་གི་སྒྱུ་མ་ལྟ་བུར་རྟོགས་པའི་བློ་ལ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཐེག་ཆེན་གྱི་ཐབས་ཀྱི་ཆའི་གྲོགས་མེད་པས་ཤེས་སྒྲིབ་ཀྱི་ཆ་ཤས་འཇོམས་པའི་ནུས་པ་དང་དག་སའི་སེམས་དཔའ་ལྟ་བུའི་གཞན་དོན་བྱེད་པའི་ནུས་པ་དང་མི་ལྡན་པས་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་མིང་མི་འཐོབ་བོ། །ཞེས་གསུངས་སོ། །
|