From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན
|
Tibetan Definition
|
3 རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་ལ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ལ་ཡང་ཟེར་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས། འཁོར་བར་འཁྱམས་པ་དང་། འཁོར་བའི་བག་ཆགས་རྒྱུན་མི་འཆད་དུ་འཇུག་པ་གཉིས་སོ། །དང་པོ་ལྡོག་པ་ལ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དགོས་པ་ནི། སྔགས་དང་ཕར་ཕྱིན་ཐུན་མོང་བའི་ཏིང་ངེ་འཛིན་ནོ། །ཕྱི་མ་ལྡོག་པ་ལ་དགོས་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་ཐུན་མོང་ཡིན་མིན་གཉིས་དང་། ཐུན་མོང་མིན་པ་ལ་ཡང་བདེ་སྟོང་སྦྱར་བ་དང་། སྒྱུ་ལུས་གཉིས་ཡོད་ཀྱང་འདིར་ནི་ཕྱི་མའོ། །ཞེས་གསུངས། མཁས་གྲུབ་ཆོས་རྗེའི་དུས་འཁོར་འགྲེལ་ཆེན་སོགས་སུ་བལྟ་བར་བྱའོ། །
|