12210

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:46, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྒྱུ་ལུས་ཀྱི་དཔེ་བཅུ་གཉིས
Tibetan Definition སྒྱུ་ལུས་འདི་ཉིད་དཔེ་བཅུ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་དགོས་པ་ལ་དཔེ་བཅུ་གཉིས་ནི། སྒྱུ་མ་ཆུ་ཟླ་མིག་ཡོར་གསུམ། །རྨི་ལམ་སྨིག་སྒྱུ་བྲག་ཆ་དྲུག །དྲི་ཟ་མིག་འཕྲུལ་འཇའ་ཚོན་དགུ །ཆུ་བུར་གློག་དང་སྐུ་བརྙན་ཏེ། །སྒྱུ་མའི་དཔེ་ནི་བཅུ་གཉིས་སོ། །འགྲེལ་བཤད་ནི་རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་ལས། ༡ རླུང་སེམས་ཙམ་ལས་རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་ན། ཡན་ལག་དང་ཉིང་ལག་ཚང་ཡང་རླུང་སེམས་ལས་མེད་པས་སྒྱུ་མའི་མི་ལྟ་བུའོ། །༢ གར་ཡང་ཁྱབ་པ་ནི་ཆུ་ཟླ་ལྟ་བུའོ། །༣ ཤ་རུས་ལ་སོགས་པ་དང་བྲལ་མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུའོ། །༤ སྐད་ཅིག་གིས་གཡོ་བ་ནི་སྨིག་སྒྱུ་ལྟ་བུའོ། །༥ རླུང་སེམས་ཙམ་ལས་གྲུབ་པས་རླུང་ཡིན་པ་ནི་རྨི་ལམ་དུ་ལུས་རགས་པ་ལས་ཟུར་དུ་བྱེ་བའི་རྨི་ལམ་གྱི་ལུས་ལྟ་བུའོ། །༦ རྣམ་སྨིན་གྱི་ལུས་དང་རྒྱུད་གཅིག་ཏུ་གཏོགས་ཀྱང་གཞན་དུ་སྣང་བ་ནི་བྲག་ཆ་ལྟ་བུའོ། །༧ སྐུ་དེའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་པ་ནི་དྲི་ཟའི་གྲོང་ཁྱེར་ལྟ་བུའོ། །༨ གཅིག་ཡིན་ཀྱང་དུ་མར་སྣང་བ་ནི་མིག་འཕྲུལ་ལྟ་བུའོ། །༩ སྐུ་ཁ་དོག་རྣམ་པ་ལྔ་ཐོགས་པ་མེད་ཅིང་མ་འདྲེས་པར་སྣང་བ་ནི་འཇའ་ཚོན་ལྟ་བུའོ། །༡༠ རྣམ་སྨིན་གྱི་ཕུང་པོའི་ནང་ནས་གནས་པ་ནི་སྤྲིན་གྱི་གསེབ་ན་གློག་འགྱུ་བ་ལྟ་བུའོ། །༡༡ སྟོང་པའི་ངང་ལས་ཐོལ་གྱིས་བཞེངས་པ་ནི་ཤིན་ཏུ་དྭངས་པའི་ཆུ་ལས་ཆུ་བུར་རྡོལ་པ་ལྟ་བུའོ། །༡༢ ཡན་ལག་དང་ཉིང་ལག་ཐམས་ཅད་ཡོངས་སུ་རྫོགས་པ་ནི་མེ་ལོང་ལ་རྡོ་རྗེ་འཆང་གི་གཟུགས་བརྙན་ཤར་བ་ལྟ་བུའོ། །ཞེས་གསུངས།