12307

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 18:52, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔ་རྒོལ་ཕྱི་རྒོལ། 
Tibetan Definition 1 རྟགས་འགོད་པ་པོ་ལ་སྔ་རྒོལ་རྟགས་འགོད་ཡུལ་ལ་ཕྱི་རྒོལ།  2 རང་གཞུང་བསྐྱར་ཏེ་དམ་འཆའ་བ་པོ་ལ་ཕྱོགས་སྔ་མའམ་སྔ་རྒོལ། དེ་འགོག་པ་པོ་ལ་ཕྱོགས་ཕྱི་མའམ་ཕྱི་རྒོལ་ཞེས་བྱའོ། །དཔེར་ན། སེ་ར་བའི་རིགས་ཆེ་ཆུང་གི་ཚོགས་ལངས་ལྟ་བུར། ལན་དང་བཤད་པ་སྐྱོར་བ་པོ་ལ་སྔ་རྒོལ། རྟགས་གསལ་གཏོང་བ་པོ་ལ་ཕྱི་རྒོལ་གྱི་ཐ་སྙད་བྱེད་པ་དང་འདྲའོ། །སྒྲ་བཤད་ནི། སྔར་རྒྱ་གར་དུ་མཁས་པ་རྣམས་རྩོད་པ་ན། ཡུལ་གྱི་རྒྱལ་པོ་ལ་སོགས་པ་དཔང་པོར་གདན་དྲངས་ཏེ། ཕྱོགས་སྔ་མས་རང་གི་དམ་བཅའ་འདི་དང་འདི་ཡིན་ཞེས་རང་གཞུང་བསྐྱར་ཏེ་དམ་འཆའ་བ་པོར་དང་པོར་རྒོལ་བའམ་སྔ་རྒོལ་ཞེས་བྱ་ལ། དེའི་རྗེས་མཁས་པ་གཞན་ཞིག་གིས་དེ་ལ་གནོད་བྱེད་འདི་དང་འདི་འདུག་ཅེས་རྒོལ་བ་ལ་རྗེས་སུ་རྒོལ་བའམ་ཕྱི་རྒོལ་ཞེས་བརྗོད་དོ། །དེ་གཉིས་ལ་ཕྱོགས་སྔ་ཕྱིའི་ཐ་སྙད་ཀྱང་བྱེད་དོ། །