12324

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:53, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྔགས་ལུགས་ཀྱི་ཐབས་ཤེས་གཉིས
Tibetan Definition 1 (སྔགས) ཐབས་ལྷའི་རྣལ་འབྱོར། ཤེས་རབ་ནི་རང་བཞིན་མེད་རྟོགས་ཀྱི་ཤེས་རབ། དེ་ཡང་དམིགས་པ་རང་ཉིད་ཡི་དམ་གྱི་ལྷར་བསྒོམ་པའི་ལྷ་སྐུ་ལ་དམིགས་ནས། རྣམ་པ་རང་བཞིན་མེད་པར་རྟོགས་པའི་ཤེས་རབ་ལ་ཟེར། རྗེའི་སྔགས་རིམ་ཆེན་མོ་ལས། དེ་ལྟར་ན་གཟུང་ཆ་ལྷའི་འཁོར་ལོར་སྣང་བས་གཟུགས་ཀྱི་སྐུ་སྒྲུབ་ཅིང༌། རང་བཞིན་སྟོང་ཉིད་རྟོགས་པས་ཆོས་ཀྱི་སྐུ་སྒྲུབ་པའི་ཐབས་ཤེས་གཉིས་མེད་དུ་སྦྱོར་བ་ནི་སྔགས་ནས་གསུངས་པའི་ཐབས་ཤེས་དང་རྣལ་འབྱོར་རྣམས་ཀྱི་གཙོ་བོའི་དོན་དུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ། །