12402

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:01, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྙིང་རྗེ
Tibetan Definition (ཕར་ཕྱིན) <ཀཱ་རུ་ཎ> 1 སེམས་ཅན་སྡུག་བསྔལ་གྱིས་མནར་བ་ལ་མི་བཟོད་པའི་བརྩེ་སེམས། ངེས་ཚིག་ནི། སྙིང་རྗེའི་སྐད་དོད་ཀཱ་རུ་ཎ་ཞེས་པ་ཀ་ལ་ཐིག་ལེ་བྱིན་ནས་ཀཾ་ཞེས་པ་བདེ་བ་དང༌། རུ་ཎ་འགོག་པ་སྟེ་བདེ་འགོག་ཅེས་བྱ། རང་ཉིད་གཅིག་པུ་བདེ་བར་སྡོད་པའི་བློ་འགོག་པས་ན་བདེ་འགོག་ཅེས་བྱ། སྙིང་རྗེ་ལ་དབྱེ་ན། སེམས་ཙམ་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་དང་། དམིགས་མེད་ལ་དམིགས་པའི་སྙིང་རྗེ་དང་གསུམ་མོ། །དེ་གསུམ་གྱི་ཁྱད་པར་ཞིབ་པར་སྙིང་རྗེ་གསུམ་ཞེས་པའི་ཐད་དུ་གཟིགས། 2 <སྔགས> བདེ་བ་ཆེན་པོའི་ཡེ་ཤེས། འཛག་བདེ་འགོག་པས་ན་སྙིང་རྗེའམ་བདེ་འགོག་ཅེས་བྱའོ། །