12682
Jump to navigation
Jump to search
སྣང་རྩེ་ཤག | |
Tibetan Definition | ལྷ་སའི་གྲོང་ཁྱེར་གྱི་བལྟ་རྟོག་དང་། ཁྲིམས་གཅོད་པ་མི་དཔོན་གྱི་ལས་ཁུངས་དང་། ནག་ཆེན་བཙོན་པ་འཇུག་ཡུལ་གྱི་བཙོན་ཁང་ཞིག སྒྲ་བཤད་ནི། སྡེ་པ་སྣང་རྩེ་བ་ནམ་མཁའ་ཚེ་བརྟན་ཞེས་རྙིང་མའི་རྒྱུད་འཛིན་ཞིག་བྱུང་བ་དེའི་ཤག་ཡིན་པར་གྲགས་པས་དེ་སྐད་ཅེས་བྱ། ཞྭ་སྒབ་པའི་དེབ་དང་པོ་༨༡ན་གསལ་བ་ལྟར་རོ། ། |
---|