12779

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:25, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྤོང་བདུན་འཁོར་བཅས་ཀྱི་ཚུལ་ཁྲིམས
Tibetan Definition (འདུལ་བ) བསྙེན་རྫོགས་ཀྱི་སྡོམ་པའི་མིང༌། གཙོ་བོ་ནི་གང་འཁོར་ནི་གང་ཞེ་ན། རང་བཞིན་གྱི་ཁ་ན་མ་ཐོ་བ་ལུས་ངག་གི་མི་དགེ་བ་བདུན་སྤོང་བ་ནི་གཙོ་བོ་དང༌། ཆང་འཐུང་བ་ལ་སོགས་པ་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་ཐམས་ཅད་འཁོར་ཏེ། གཙོ་བོ་ཤིང་ཐོག་ཨ་མྲ་ལྟ་བུ་དང༌། འཁོར་སྲུང་བྱེད་ཀྱི་སྨྱུག་ཚལ་གྱི་རྭ་བ་ལྟ་བུའོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། །དགེ་སློང་དང་དགེ་སློང་མའི་སྡོམ་པ་ནི་སྤོང་བ་བདུན་གྱི་མཚན་ཉིད་ཅན་ཡིན་ལ། དགེ་ཚུལ་ལ་སོགས་པ་དག་གི་སྡོམ་པ་ནི་སྤོང་བ་བཞིའི་མཚན་ཉིད་ཅན་ཡིན་ཞེས་སོ། །ཞེས་མཚོ་ཊཱིཀ་ལས་གསུངས་པ་ལྟར་རོ། །