From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྨོན་སེམས་ཀྱི་བསླབ་བྱ
|
Tibetan Definition
|
(ཕར་ཕྱིན) སྨོན་སེམས་ཀྱི་བསླབ་བྱ་ལ་གཉིས་ཏེ། ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་དང༌། སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པའོ། །དང་པོ་༼ ཚེ་འདིར་སེམས་བསྐྱེད་མི་ཉམས་པའི་རྒྱུ་ལ་བསླབ་པ་ལ ༽༡ སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང་གཅིག ༢ ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་པ་དང་གཉིས། ༣ སེམས་ཅན་བློས་མི་སྤོང་བ་དང་གསུམ། ༤ བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསག་པ་དང་བཞིའོ། །གཉིས་པ་སྐྱེ་བ་གཞན་དུའང་དེ་དང་མི་འབྲལ་བའི་རྒྱུ་ལ་བསླབ་པ་ལ། ནག་པོའི་ཆོས་བཞི་སྤོང་བ་དང་། དཀར་པོའི་ཆོས་བཞི་བླང་བའོ། །༼ དང་པོ་ནག་པོའི་ཆོས་བཞི་སྤོང་བ་ནི ༽༡ གཡོ་སྒྱུས་བླ་མ་དང་མཁན་སློབ་སོགས་དབུ་བསྐོར་བ་དང་གཅིག ༢ གཞན་དགེ་བ་བྱེད་པ་ལ་འགྱོད་དུ་བཅུག་པ་དང་གཉིས། ༣ བྱང་སེམས་ལ་ཞེ་སྡང་གིས་མི་སྙན་པ་བརྗོད་པ་དང་གསུམ། ༤ ལྷག་བསམ་མ་ཡིན་པའི་གཡོ་སྒྱུ་བྱེད་པ་དང་བཞི་ལ་ནག་པོའི་ཆོས་བཞི་ཟེར་ལ། དེ་བཞི་སྤོང་བའོ། །༼ གཉིས་པ་དཀར་པོའི་ཆོས་བཞི་བླང་བ་ནི ༽༡ བརྫུན་སྤོང་བ་དང་གཅིག ༢ སེམས་ཅན་ལ་གཡོ་སྒྱུ་མེད་པའི་བསམ་པ་དྲང་པོར་གནས་པ་དང་གཉིས། ༣ བྱང་སེམས་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད་ཅིང་དོན་གནས་ཀྱི་བསྔགས་པ་བརྗོད་པ་དང་གསུམ། ༤ རང་གིས་སྨིན་པར་བྱ་བའི་སེམས་ཅན་རྣམས་ལ་རྫོགས་བྱང་འཛིན་དུ་འཇུག་པ་དང་བཞི་ལ་དཀར་པོའི་ཆོས་བཞི་ཟེར་ལ། དེ་བཞི་ཉམས་སུ་བླང་བའོ།། འདི་དག་ནི་རྗེའི་ལམ་རིམ་ཆེན་མོ་ལས། མཇུག་གི་ཆོ་ག་ནི། སློབ་དཔོན་གྱིས་སྨོན་སེམས་ཀྱི་བསླབ་བྱ་རྣམས་སློབ་མ་ལ་བརྗོད་པར་བྱ་བའོ། །ཞེས་གསུངས་པའི་སྨོན་སེམས་ཀྱི་བསླབ་བྱ་རྣམས་ཡིན་ནོ། །
|