13035

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 20:41, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་པ
Tibetan Definition (འདུལ་བ) རྒྱ་གར་ན་ཤིང་ཐོག་ཨ་མྲ་སྟེ་ཨཱམ་བསྲུང་བའི་དོན་དུ་སྨྱུག་མའི་ར་བས་བསྐོར་བས། དེ་འདྲ་སྨྱུག་མའི་ར་སྐོར་བཅད་པས་ཨཱམ་གྱི་ནགས་ཚལ་གླང་པོ་ཆེ་སོགས་ཀྱི་གནོད་པས་ཉམས་པར་འགྱུར་རོ་ཞེས་པའི་དོན། རྗེའི་ལམ་རིམ་ཆེན་མོ་ལས། དེ་ལྟར་མི་འབད་པར་འདི་ཙམ་ལས་འགལ་ཡང་སྐྱོན་ཆུང་ངོ་སྙམ་དུ་བསམས་ནས། བཅས་པ་རྣམས་ལ་བག་ཡངས་སུ་འཇུག་པ་ནི་སྡུག་བསྔལ་འབའ་ཞིག་འཐོབ་སྟེ། ལུང་རྣམ་འབྱེད་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་འཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་ཡང༌། །འདས་ན་ལན་འགའ་ཆད་པ་འཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་འགྲོ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས། ལུང་འདི་མཚོ་ཊཱིཀ་སྟོད་ཆར་ཡང་གསལ་ལོ། །