13038

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 20:41, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྨྱུག་གུ
Tibetan Definition 1 ཡི་གེ་འབྲི་བྱེད་ཅིག འདི་ལ་འབྲི་ཚུལ་མི་འདྲ་བ་བཞི་ཙམ་ཡོད་དེ། སྨྱུག་གུ། སྨྱུ་གུ། སྙུག་གུ། སྙུ་གུ་ཞེས་པ་ལྟ་བུའོ། །སྒྲ་བཤད་ནི། སྨྱུག་ནི་སྨྱུག་མ་དང་། གུ་ནི་ཆུང་ངུའམ་ཕྲ་མོའི་དོན་ནོ། །ཁྱི་ཆུང་ཆུང་ལ་ཁྱི་གུ་ཞེས་པ་ལྟ་བུ། དེས་ན་སྨྱུག་མའམ་སྨྱུག་ཕྲན་ལས་བཟོས་པས་ན་སྨྱུག་གུ་ཟེར་བ་ཡིན། དཔེ་མང་པོར་སྨྱུག་གུ་ཞེས་ཟེར་རྒྱུ་ལ་སྨྱུ་གུ་ཞེས་བྲིས་པ་ནི་ཕྲུག་གུ་ལ་ཕྲུ་གུ་ཞེས་འབྲི་བ་ལྟ་བུ་ཡིག་ཟོར་ཡང་བའི་ཆེད་དུ་ཡིན་པར་ཤོད་མཁན་ཡོད་མོད། ལེགས་པར་མ་མཐོང་ངོ་། །དེས་ན་སྨྱུ་གུ་དང་སྨྱུག་གུ་ཞེས་འབྲི་ཚུལ་གཉིས་ལས་སྨྱུག་གུ་ཞེས་བྲིས་ན་ལེགས་པར་སེམས་ཏེ། དེ་ལྟར་བྲིས་ན་སྨྱུག་མ་ལས་བཟོས་པ་བདེ་བླག་ཏུ་གོ་ནུས་པའི་ཕྱིར་རོ། །རྒྱབ་རྟེན་གྱི་ལོ་རྒྱུས་ནི། གནའ་བོ་བོད་སོགས་སུ་ཡི་གེ་འབྲི་བྱེད་ཀྱི་ཡོ་བྱེད་རྣམས་སྨྱུག་མ་ལས་བཟོ་གི་ཡོད། ལྷག་པར་སྦྱང་ཤིང་ཐོག་སྨྱུག་མས་བཟོས་པའི་སྨྱུག་གུ་ཁོ་ན་བེད་སྤྱོད་བྱེད་ཅིང་། གནའ་དུས་ནས་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ (༡༩༨༠) ཡས་མས་ཀྱི་བར་རྒྱ་གར་དུའང་བཙན་བྱོལ་གྱི་ཆོས་སྒར་སྤྱི་དང་ལྷག་པར་དགེ་ལུགས་པའི་གདན་ས་རྣམས་སུ་སྨྱུག་མ་ལས་བཟོས་པའི་སྨྱུག་གུ་བདེ་སྤྱོད་བྱེད་ཅིང་། དེ་ནས་ལོ་རབས་བརྒྱད་ཅུའི་མཇུག་ཙམ་ལ་སློབ་གྲྭ་ཡར་རྒྱས་སོང་བའི་ཁུལ་གྱིས་དགོན་པ་ཁག་ཏུ་སྦྱང་ཤིང་ཐོག་ཡི་གེ་འབྲི་སྦྱོང་བྱེད་རྒྱུའི་སྔར་སྲོལ་བཟང་པོ་དེ་རྒྱུན་ཆད་པ་རེད། དག་ཡིག་གསར་བསྒྲིགས་སུ་ “སྨྱུག་གུ” ཞེས་པའི་ཐ་སྙད་འདི་ཚད་ལྡན་དུ་བྱས་ལ། བོད་རྒྱ་ཚིག་མཛོད་ཆེན་མོར་འདི་དང་ “སྙུག་གུ” གཉིས་ཚད་ལྡན་མིན་པ་ལྟ་བུས་ཚིག་མཛོད་ནང་འགོད་འཇུག་བྱས་མེད། འདི་ནི་ཧ་ཅང་ནོར་བ་ཆེན་པོ་ཡིན་ཏེ། དོན་དངོས་ཐོག་སྨྱུ་གུ་དང་སྙུ་གུ་ནི་ནོར་བ་དང་སྨྱུག་གུ་དང་སྙུག་གུ་ནི་འཐད་ལྡན་གྱི་ཐ་སྙད་ཡང་དག་པ་ཞིག་ཡིན་པའི་ཕྱིར་རོ། །བོད་ཀྱི་གཏམ་དཔེར། བླུན་པོས་འཕྱུགས་ན་མཐོ་གང་། མཁས་པས་འཕྱུགས་ན་འདོམ་གང་། ཞེས་པ་དེ་ཤིན་ཏུ་བདེན་པར་སྣང་སྟེ། བོད་ཀྱི་མཁས་པ་སྔ་མ་ཚོས་སྐད་གསར་བཅད་ཡིན་ཁུལ་གྱིས་གོ་སླ་བ་རྣམས་གོ་དཀའ་རུ་བཏང་། གོ་རྒྱུ་ཡོད་པ་རྣམས་མེད་པར་བཟོས། གོ་རྒྱུ་མེད་པ་རྣམས་ཁྱབ་བརྡལ་ཆེས་ཆེ་བར་བཏང་འདུག་གོ།