From Rangjung Yeshe Wiki - Dharma Dictionary
< Dictionaries(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation
Jump to search
སྲ་བརྐྱང༌
|
Tibetan Definition
|
(འདུལ་བ) འདུལ་བའི་བརྡ་ཆད་ཅིག་སྟེ། དབྱར་ཚུལ་ནང་འཆང་འབྲལ་ལ་སོགས་པའི་ལྟུང་བ་མི་འབྱུང་བའི་བག་ཡངས་ཀྱི་སླད་དུ་ཐུན་མོང་དུ་བྱིན་གྱིས་བརླབས་པའི་དགེ་འདུན་སྤྱིའི་ཆོས་གོས། འདི་ལ་གཏན་པ་ཡང་ཟེར། འདིའི་ཕྱག་ལེན་བོད་དུ་མ་དར་བར་བཤད། སྒྲ་བཤད་ནི། ལོངས་མ་སྤྱད་པའི་གསར་པ་ཡིན་པས་ན་སྲ། གཟེབ་ཀྱི་སྤྲོག་མའི་ནང་དུ་བརྐྱངས་ཏེ་བཞག་པས་ན་བརྐྱང་ཞེས་བྱའོ། །སྒྲ་སྦྱོར་བམ་གཉིས་༼ ཅོ་པ ༽༡༥༥ན༤ལས། ཀཋིནཱསྟར་ཞེས་བྱ་བ་ཀཋིན་ནི་སྲ་བ་སྟེ་ཆོས་གོས་མི་འཁུག་པར་བརྐྱང་པའི་གཏན་པ་དང་འདྲ་བར། ཆོས་གོས་སུམ་ཕྲུགས་གཅིག་ལ་བྱིན་གྱིས་བརླབས། དགེ་འདུན་དབྱར་གནས་པར་དམ་བཅས་པ་རྣམས་ཀྱིས་ཆོས་གོས་ཟླ་བ་ལྔ་པའི་བར་དུ་ལྷག་པ་དང་བྲལ་བ་དང་ཁ་ཟས་སྔ་དྲོ་ཡང་ཡང་ཟ་བ་དང་། སོ་སོར་འདུས་ཤིང་ཟ་བ་ལ་སོགས་པ་ལྟུང་བར་མི་འགྱུར་བར་བརྟན་པར་ཐུབ་ཅིང་བག་བརྐྱང་བའི་མིང་སྟེ་སྲ་བརྐྱང་ཞེས་བྱའོ། །ཞེས་གསུངས་སོ། །
|