13088

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:44, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲིན་ཁྲོལ་མ
Tibetan Definition ཆུའི་ནང་གནས་པའི་སྲིན་བུ་དམར་པོ་ནར་ནར་པོ་ཞིག་གི་མིང་ཡིན་པར་སེམས། རྗེའི་ལམ་རིམ་དུ་སྲིན་གྲོལ་མ་ཞེས་སྣང་། སྐུ་འབུམ་སྤར་མར་སྲིན་གྲོག་མ་ཞེས་སྣང་ཡང་ཕལ་ཆེར་ཡི་གེ་མ་དག་པ་ཡིན་ནམ་སྙམ། འདུལ་བ་ལུང་ཕྲན་ཚེགས་༼ ཐ་པ ༽༡༣༠ན་༣ལས། དགའ་བོ་དེ་ལ་ནར་ནར་པོའི་རང་བཞིན་ཇི་ལྟ་བུ་ཞེ་ན། དགའ་བོ་དཔེར་ན་ཟངས་ཀྱི་ཐུར་མ་ཕྲ་མོའམ་སྲིན་ཁྲོལ་མ་ལྟ་བུ་སྟེ། ནར་ནར་པོ་ནི་དེ་ལྟ་བུའི་རང་བཞིན་དུ་འགྱུར་རོ། །ཞེས་གསུངས་སོ། །ལུང་ཕྲན་ཚེགས་ཀྱི་འགྲེལ་པ་ལས། རི་དྭགས་ཤ་ར་བྷའི་རྐང་པ་ལྟ་བུ་ཅན་གྱི་སྲིན་བུ་དམར་པོ་ཅན་ཕྲ་མོ་ལ་ཟངས་ཀྱི་ཐུར་མ་ཕྲ་མོ་ཞེས་བྱའོ། །ཞེས་གསུངས་སོ། །རྗེའི་ལམ་རིམ་ཆེན་མོ་ལས། སྲིན་གྲོལ་མ་བཞིན་མི་གཙང་བའི་ཁུ་བས་ནི་གསོ། ཞེས་གསུངས་སོ། །གོང་གི་ལུང་ཕྲན་ཚེགས་ཀྱི་འགྲེལ་པར་གཞིགས་ན་ཕལ་ཆེར་རྐང་པ་མང་པོ་ཅན་གྱི་སྲིན་བུ་ནར་ནར་པོ་ཞིག་མིན་ནམ་ཡང་དཔྱད་དོ། །