13099

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:45, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲིན་བུ་པད་མ
Tibetan Definition འབུ་པད་པའི་མིང༌། འགྲེལ་བཤད་པད་པ་ཞེས་པའི་ཐད་དུ་གཟིགས། དཔེ་མང་པོར་སྲིན་བུ་པདྨ་ཞེས་བྲིས་འདུག་པ་མི་ལེགས་ཤིང༌། སྲིན་བུ་པད་མ་ཞེས་བྲིས་ན་ལེགས་པར་སེམས་ཏེ། འདི་སྲིན་བུ་པད་པ་ཞེས་པའི་པ་ཡིག་ལུང་པ་འགའ་ཞིག་ཏུ་མ་ཡིག་ཏུ་སོང་སྟེ། པད་པ་ཟེར་རྒྱུའི་ཚབ་ཏུ་པད་མ་ཞེས་འབོད་པས། སྲིན་བུ་པད་མ་ཞེས་འབྲི་བ་བྱུང་ལ། འདི་ལ་སྐྱོན་གཞན་ཡང་འདི་ལྟར། རྣམ་པ་གཅིག་ཏུ་ན། ད་ཡིག་ཕྱེད་དང་མ་ཡིག་ཕྱེད་གཉིས་བརྩེགས་ནས་པདྨ་ཞེས་འབྲི་སྲོལ་འདི་ལེགས་སྦྱར་མ་གཏོགས་རང་རེ་བོད་སྐད་ལ་མེད་པས། འདི་མེ་ཏོག་པདྨ་དང་ཡང་འབྲེལ་བ་ཡོད་པ་ཨེ་ཡིན་སྙམ་པའི་ལོ་རྟོག་ཡང་སྐྱེ་སྲིད་པས། སྲིན་བུ་པད་མ་ཞེས་བྲིས་ན་ཅུང་ལེགས་པར་སེམས་སོ། །ཤེས་རབ་བརྒྱ་པ་ལས། སྲིན་བུ་པད་མ་ཟོན་ཅན་ལུས། །ཁྲག་འཐུང་བཞིན་དུ་མི་མཐིང་ངོ༌། །ཞེས་གསུངས། འབྲས་ལྗོངས་པས་ཀྱང་འདི་ལ་སྲིན་བུ་པད་མ་ཞེས་འབོད་ཀྱི་ཡོད་འདུག བུ་སྟོན་ཆོས་འབྱུང་༡༢༩ལས་ཀྱང་སྲིན་བུ་པད་མ་ཞེས་ཕྲལ་ནས་བྲིས་འདུག