13123

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:47, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲེད་མེད་ཀྱི་བུ
Tibetan Definition (མངོན་བརྗོད) ཁྱབ་འཇུག་གི་མིང་གི་རྣམ་གྲངས་ཤིག ཁྱད་པར་དུ་འཕགས་པའི་བསྟོད་པའི་རྒྱ་ཆེར་བཤད་པ་ལས། ཁྱབ་འཇུག་ནི་སྲེད་མེད་ཀྱི་བུའོ། །ཞེས་གསུངས། མངོན་བརྗོད་འཆི་མེད་མཛོད་ཀྱི་འགྲེལ་པ་འདོད་འཇོ་བ་མོ་༢༥༨བ༣ལས། ལམ་སྣ་ཚོགས་ལ་བརྟེན་པས་ན་སྲེད་མེད་དེ། དེ་ཉིད་གཅིག་པུའི་བུ་ཡིན་པས་སྲེད་མེད་ཀྱི་བུའོ། །ཞེས་གསུངས་སོ། །