13142

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 20:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོག་རྩོལ
Tibetan Definition <པྲཎཱ་ཡ་མ> 1 (གསང་འདུས) ཚེ་སྲོག་གནས་པ་དང་རིང་བར་བྱེད་པའི་ནང་གི་རླུང་ཞིག སྒྲ་བཤད་ནི། སྲོག་ནི་ཚེ་དང་རྩོལ་བ་ནི་རིང་བར་བྱེད་པ་སྟེ་ཚེ་སྲིང་བར་བྱེད་པའི་རླུང་ཞེས་བྱ་བའི་དོན་ནོ། །རྩོལ་བའི་སྐད་དོད། ཨ་ཡཱ་མ་ཞེས་པ་འབད་པ་དང༌། འགོག་པ། ཆུ་རིང་བ་རྣམས་ལ་འཇུག་པ་ལས་འདིར་རིང་བ་ལ་འཇུག་པའི་དབང་དུ་བྱས་སོ། །བོད་སྐད་ཀྱི་རྩོལ་བ་ནི་འགོག་པ་དང་སྲིང་བར་བྱེད་པ་གཉིས་ཀ་ལ་མི་འཇུག་ཀྱང༌། དེའི་སྐད་དོད་ཀྱི་སྟེང་ནས་དེ་གཉིས་སུ་བྱར་ཡོད་ལ། ཞེས་རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། ལེགས་སྦྱར་གྱི་སྲོག་རྩོལ་གྱི་སྐད་དོད་པྲ་ཎཱ་ཡ་མ་ཞེས་པའི་པྲ་ཎཱ་ནི་སྲོག་དང་། ཡ་མ་ནི་སྡོམ་པའམ་འགོག་པའི་དོན་ནོ། །2 (དུས་འཁོར) སྲོག་ནི་རླུང་དང༌། རྩོལ་བ་ནི་འགོག་པའོ། །དེའི་དོན་ནི་སྲོག་རོ་རྐྱང་གི་རླུང་གཉིས་དང༌། རྩོལ་བ་དེ་གཉིས་རོ་རྐྱང་དུ་རྒྱུ་བ་བཀག་ནས་དྷཱུ་ཏཱིར་འཛུད་པ་ལ་ཟེར། རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས་ཏེ་བཀོད། 3 (རྒྱུད་སྡེ་འོག་མ་གསུམ) མིག་སྣ་སོགས་ལུས་ཀྱི་བུ་ག་རྣམས་ནས་རྒྱུ་བའི་རླུང་ནི་སྲོག་དང༌། རྟོག་པ་ཡུལ་གཞན་ལ་གཡེངས་ཤིང་འཕྲོ་བ་ནི་རྩོལ་བའོ། །ཡང་ན་སྲོག་སྔར་དང་འདྲ་ཞིང་རྩོལ་བ་ནི་འབྱུང་འཇུག་བྱེད་པ་བཀག་ནས་རྒྱུ་བ་རྒྱུན་བཅད་པའོ། །རྗེའི་སྔགས་རིམ་ཆེན་མོ་ལྟར་བཀོད། 4 སྦྱོར་བ་ཡན་ལག་དྲུག་གི་ནང་མཚན་གྱི་སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཡན་ལག་ལ་སྲོག་རྩོལ་ཞེས་པའི་ཐ་སྙད་བཏགས་ལ། དེ་ནི་སྲོག་རྩོལ་གྱི་རྣལ་འབྱོར་གྱི་ཡན་ལག་ལ་སྲོག་རྩོལ་ཞེས་མིང་བསྡུས་པའོ། །རྗེའི་རིམ་ལྔ་གསལ་སྒྲོན་ལ་གཞི་བྱས།