13144

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:48, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོག་རྩོལ་གྱི་རླུང༌
Tibetan Definition 2 སྲོག་འཛིན་སྣ་བུག་ནས་རྒྱུ་བ་ནི། སྙིང་གར་གནས་ཀྱང༌། སྙིང་གའི་རྩ་མདུད་ཀྱི་དྷཱུ་ཏཱིའི་ནང་ན་གནས་པ་ཡིན། སྲོག་འཛིན་གྱི་རླུང་ལ་ཕྲ་རགས་ཀྱི་དབྱེ་བ་འདི། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ། གཞན་ཡང༌། རྗེའི་གསུང་ཟིན་བྲིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ལས། ཡན་ལག་གི་རླུང་ལྔ་ནི་རླུང་གི་གནས་སྐབས་ཡིན་ནོ། །སྲོག་རླུང་སྒོ་དེ་དག་ནས་རྒྱུ་བ་ལ་མིང་དེ་ལྟར་བཏགས་པའོ། །ཞེས་གསུངས་པ་ལྟར་རོ། །