13157

From Rangjung Yeshe Wiki - Dharma Dictionary
< Dictionaries
Revision as of 19:49, 26 May 2022 by Jeremi (talk | contribs) (CSV import of sgom sde tshig mdzod chenmo)
(diff) ← Older revision | Latest revision (diff) | Newer revision → (diff)
Jump to navigation Jump to search
སྲོལ་ཕྱེ་བ་དང་པོ
Tibetan Definition (ཕར་ཕྱིན) སེམས་ཙམ་པའི་ལུགས་ལ་ཟེར། རྗེའི་ལེགས་བཤད་སྙིང་པོ་ལས། རྟེན་འབྲེལ་རྟག་ཆད་དང་བྲལ་བ་འདི་ནི་ཆེས་ཤིན་ཏུ་རྟོགས་དཀའ་བས་སྟོན་པས་ཀྱང་ངས་ཆོས་ཟབ་མོ་ཁོང་དུ་ཆུད་པ་དེ་གཞན་ལ་བསྟན་ན་དེ་དག་གིས་མི་རྟོགས་པས་རེ་ཞིག་མི་སྨྲ་བར་གནས་པར་བྱའོ་སྙམ་དུ་དགོངས་པ་ཡིན་ཏེ། རྩ་ཤེ་ལས། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་ལོག་པར་གྱུར་པ་ཡིན། །ཞེས་གསུངས་ཏེ། སྲོལ་ཕྱེ་བ་དང་པོ་ལྟར་ཡིན་ན་དེ་ཙམ་དུ་མི་དཀའ་འོ། །འཇིགས་མེད་དམ་ཆོས་རྒྱ་མཚོའི་གསུང་ལ་གཞི་བྱས། འདི་ལ་དོགས་པ་གཅོད་དགོས་པ་ཡོད་དོ། །